藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 332a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་སོ་སོ་ཡང་དག་པར་རིག་པ་བཞི་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་

D8.014.0332a01.01
2

རྟོག་པ་{མྱེད་,མེད་}དོ། །ཇི་ལྟར་སེམས་ལ་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}པ་དེ་བཞིན་དུ། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་མེད་ཅིང་

D8.014.0332a02.01
3

རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་དགྲ་བཅོམ་པ་ཉིད་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་རང་བྱང་ཆུབ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་

D8.014.0332a03.01
4

རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་

D8.014.0332a04.01
5

བུས། ཚེ་དང་ལྡན་པ་རབ་འབྱོར་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ཚེ་དང་ལྡན་པ་རབ་འབྱོར་ལེགས་སོ་ལེགས་སོ། །ཁྱོད་ནི་བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་ཞལ་ནས་བྱུང་བ་ཆོས་ལས་སྐྱེས་པ་ཆོས་ཀྱི་སྤྲུལ་པ་ཆོས་ཀྱི་བགོ་སྐལ་བ་

D8.014.0332a05.01
6

ཟང་ཟིང་གི་བགོ་སྐལ་བ་མ་ཡིན་པ་ཆོས་རྣམས་ལ་མངོན་སུམ་གྱི་{མྱིག་,མིག་}དང་ལྡན་པ། ལུས་མངོན་དུ་གྱུར་པ་སྟེ། ཉན་ཐོས་ཉོན་མོངས་པ་{མྱེད་,མེད་}པར་རྣམ་པར་སྤྱོད་པ་རྣམས་ཀྱི་མཆོག་ཏུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བསྟན་པ་འདི་ཡང་དེའི་

D8.014.0332a06.01
7

ཚུལ་དང་འདྲའོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་དུ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱིར་{མྱི་,མི་}ལྡོག་པ་ཡང་འདི་ལས་ཡོངས་

D8.014.0332a07.01