完整藏文原文 · 德格版页 当前仅加载第 14 函德格 62b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་། བཀླག་པར་འདོད་པ་དང་། ཡོངས་སུ་
D8.014.0062b01.01ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་
D8.014.0062b02.01ཆེན་པོ་ནུབ་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་། བཅང་བར་འདོད་པ་དང་།
D8.014.0062b03.01བཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །
D8.014.0062b04.01བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཕྱོགས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་འདོད་པ་དང་།
D8.014.0062b05.01བཅང་བར་འདོད་པ་དང་། བཀླག་པར་འདོད་པ་དང་། ཡོངས་སུ་ཆུབ་པར་བྱ་བར་འདོད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་འདོད་པ་དང་། དེ་ལ་ཡང་མ་ནོར་བར་ནན་ཏན་དུ་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་
D8.014.0062b06.01བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཤར་གྱི་ཕྱོགས་མཚམས་སུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བ་གང་ཅི་ཡང་རུང་སྟེ། དེ་ཐམས་ཅད་མཉན་པར་འདོད་པ་དང་། གཟུང་བར་
D8.014.0062b07.01