藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 75b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་མེད་དོ། །ཚོར་བར་བྱེད་པ་པོ་ཚོར་བར་བྱེད་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི་དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་མེད་དོ། །སློང་བ་པོ་སློང་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི་

D8.014.0075b01.01
2

དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །ཀུན་ཏུ་སློང་བ་པོ་ཀུན་ཏུ་སློང་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་མེད་དོ། །ཤེས་པ་པོ་ཤེས་པ་པོ་ཞེས་བྱ་

D8.014.0075b02.01
3

བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་མེད་དོ། །མཐོང་བ་པོ་མཐོང་བ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་{མྱེད་,མེད་}དོ། །རེག་

D8.014.0075b03.01
4

པ་པོ་རེག་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བརྟགས་ན་{དམྱིགས་,དམིགས་}སུ་མེད་དོ། །འདི་ལྟ་སྟེ་དཔེར་ན། རྣམ་པར་ཤེས་པ་པོ་རྣམ་པར་ཤེས་པ་པོ་ཞེས་བྱ་བ་ནི་ཐ་སྙད་དུ་བརྗོད་མོད་ཀྱི། དེ་ལ་ཡང་དག་པ་ཇི་ལྟ་

D8.014.0075b04.01
5

བ་བཞིན་དུ་ཡོངས་སུ་བརྟགས་ན་མི་{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱི་ཕྱིར་{དམྱིགས་,དམིགས་}སུ་མེད་དེ། {མྱིང་,མིང་}དང་བརྡ་ཙམ་དུ་འོལ་སྤྱིར་ཐ་སྙད་དུ་བརྗོད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་

D8.014.0075b05.01
6

ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བྱང་ཆུབ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སངས་རྒྱས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.014.0075b06.01
7

ལ་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཚོར་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་ཤེས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །རྣམ་

D8.014.0075b07.01