完整藏文原文 · 德格版页 当前仅加载第 14 函德格 374b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གཏན་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་བསམ་གཏན་རྣམས་མ་ལགས། བསམ་གཏན་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། བསམ་གཏན་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་བསམ་གཏན་རྣམས་སོ། །བཅོམ་ལྡན་འདས་
D8.014.0374b01.01རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བསམ་གཏན་རྣམས་ལ་གནས་པར་{མྱི་,མི་}བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
D8.014.0374b02.01པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་{མྱེད་,མེད་}པ་བཞི་ལ་གནས་པར་མི་བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་ཚད་{མྱེད་,མེད་}པ་རྣམས་ཚད་{མྱེད་,མེད་}པ་རྣམས་ཀྱིས་སྟོང་སྟེ། ཚད་{མྱེད་,མེད་}པ་རྣམས་ཀྱི་སྟོང་པ་ཉིད་གང་
D8.014.0374b03.01ལགས་པ་དེ་ཡང་ཚད་{མྱེད་,མེད་}པ་རྣམས་མ་ལགས། ཚད་{མྱེད་,མེད་}པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཚད་{མྱེད་,མེད་}པ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚད་{མྱེད་,མེད་}པ་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་
D8.014.0374b04.01སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཚད་མེད་པ་རྣམས་ལ་གནས་པར་{མྱི་,མི་}བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
D8.014.0374b05.01ལ་སྤྱོད་པའི་ཚེ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་ལ་གནས་པར་{མྱི་,མི་}བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱིས་
D8.014.0374b06.01སྟོང་སྟེ། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་མ་ལགས། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ།
D8.014.0374b07.01