藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 360a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་

D8.014.0360a01.01
2

སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་ཀུན་ནས་ཉོན་མོངས་པ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་ཀུན་ནས་

D8.014.0360a02.01
3

ཉོན་མོངས་པ་མ་མཆིས་པའི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །

D8.014.0360a03.01
4

བཅོམ་ལྡན་འདས་བདག་གིས་རྣམ་པར་བྱང་བ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་རྣམ་པར་བྱང་བ་མ་མཆིས་པའི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་

D8.014.0360a04.01
5

རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་རྣམ་པར་བྱང་བ་མ་མཆིས་པའི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་

D8.014.0360a05.01
6

ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་དབྱིངས་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ།

D8.014.0360a06.01
7

བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་ཀྱི་དབྱིངས་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་ཆོས་ཀྱི་དབྱིངས་ཀྱི་{མྱིང་,མིང་}དེ་ཡང་

D8.014.0360a07.01