藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 171a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སེམས་ཀྱི་སེམས་བསྐྱེད་པ་འམ། ལེ་ལོའི་སེམས་བསྐྱེད་པ་འམ། འཁྲུག་པའི་སེམས་བསྐྱེད་པ་འམ། ཤེས་རབ་འཆལ་པའི་སེམས་བསྐྱེད་པར་བྱ་བ་དེ་ལྟ་བུའི་ལུས་{མྱི་,མི་}དམིགས་སོ། །ངག་

D8.014.0171a01.01
2

{མྱི་,མི་}དམིགས་སོ། །སེམས་{མྱི་,མི་}དམིགས་སོ། །ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ལུས་ཀྱི་གནས་ངན་ལེན་སྐྱེད་པ་དང་། ངག་གི་གནས་ངན་ལེན་

D8.014.0171a02.01
3

སྐྱེད་པ་དང་། ཡིད་ཀྱི་གནས་ངན་ལེན་སྐྱེད་པ་ཙམ་དུ་ནི་ཤེས་པར་མི་བྱ་སྟེ། དེ་ནི་གནས་{མྱེད་,མེད་}པའོ། །དེ་ཅིའི་ཕྱིར་ཞེ་ན། ཤ་ར་དྭ་ཏིའི་བུ། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་

D8.014.0171a03.01
4

སྤྱོད་པའི་ཚེ། ལུས་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་ངོ་། །ངག་གི་གནས་ངན་ལེན་ཡོངས་སུ་སྦྱོང་ངོ་། །ཡིད་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་སྟེ། །ཤ་ར་དྭ་ཏིའི་བུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལུས་ཀྱི་

D8.014.0171a04.01
5

ལས་ཁ་ན་མ་ཐོ་བ་{མྱེད་,མེད་}པའོ། །ངག་གི་ལས་ཁ་ན་མ་ཐོ་བ་{མྱེད་,མེད་}པའོ། །ཡིད་ཀྱི་ལས་ཁ་ན་མ་ཐོ་བ་{མྱེད་,མེད་}པའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལུས་ཀྱི་གནས་

D8.014.0171a05.01
6

ངན་ལེན་སྦྱོང་བ་ལགས། ངག་གི་གནས་ངན་ལེན་སྦྱོང་བ་ལགས། ཡིད་ཀྱི་གནས་ངན་ལེན་སྦྱོང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ། གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་

D8.014.0171a06.01
7

ལུས་{མྱི་,མི་}དམིགས། ངག་{མྱི་,མི་}དམིགས། སེམས་{མྱི་,མི་}དམིགས་ན། ཤ་ར་དྭ་ཏིའི་བུ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ལུས་ཀྱི་གནས་ངན་ལེན་ཡོངས་སུ་སྦྱོང་བ་ཡིན། ངག་གི་གནས་ངན་ལེན་ཡོངས་

D8.014.0171a07.01