藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 237a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཆགས་པར་འགྱུར་བ་མེད་དོ། །སྒྲ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །རྣ་བའི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མེད་དོ། །རྣ་བའི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མེད་དོ། །གང་ཡང་རྣ་བ་དང་སྒྲ་དང་། རྣ་བའི་

D8.014.0237a01.01
2

རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །སྣ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །དྲི་ལ་ཆགས་པར་འགྱུར་བ་

D8.014.0237a02.01
3

{མྱེད་,མེད་}དོ། །སྣའི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །སྣའི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །གང་ཡང་སྣ་དང་དྲི་དང་། སྣའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་

D8.014.0237a03.01
4

མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ལྕེ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །རོ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ལྕེའི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ལྕེའི་འདུས་ཏེ་རེག་པ་ལ་ཆགས་

D8.014.0237a04.01
5

པར་འགྱུར་བ་{མྱེད་,མེད་}དོ། །གང་ཡང་ལྕེ་དང་རོ་དང་། ལྕེའི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བའམ། སྡུག་བསྔལ་བའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ལུས་ལ་

D8.014.0237a05.01
6

ཆགས་པར་འགྱུར་བ་{མྱེད་,མེད་}དོ། །རེག་བྱ་ལ་ཆགས་པར་འགྱུར་བ་མེད་དོ། །ལུས་ཀྱི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ལུས་ཀྱི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །གང་ཡང་ལུས་དང་རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་འདུས་ཏེ་

D8.014.0237a06.01
7

རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ཡིད་ལ་ཆགས་པར་འགྱུར་བ་མེད་དོ། །ཆོས་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ཡིད་ཀྱི་རྣམ་པར་

D8.014.0237a07.01