藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 304b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་སྡུག་བསྔལ་བའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདེ་བ་ཤིན་ཏུ་མ་མཆིས་ཤིང་མི་{དམྱིགས་,དམིགས་}ན། བྱང་ཆུབ་སེམས་དཔའ་རྣམ་པར་

D8.014.0304b01.01
2

ཤེས་པ་བདེ་བའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་སྡུག་བསྔལ་བ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་རྣམ་པར་ཤེས་པ་སྡུག་བསྔལ་བའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་

D8.014.0304b02.01
3

ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་བདག་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་

D8.014.0304b03.01
4

དཔའ་གཟུགས་བདག་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་བདག་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །

D8.014.0304b04.01
5

བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་ཚོར་བ་བདག་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་

D8.014.0304b05.01
6

སེམས་དཔའ་འདུ་ཤེས་བདག་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་ཤེས་བདག་མ་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་

D8.014.0304b06.01
7

མཆིས། །བཅོམ་ལྡན་འདས་བདག་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། བྱང་ཆུབ་སེམས་དཔའ་འདུ་བྱེད་བདག་མཆིས་པའི་ཚིག་{བླ་དགས་,བླ་དྭགས་}སུ་འགྱུར་བ་ལྟ་ག་ལ་མཆིས། །བཅོམ་ལྡན་འདས་བདག་མ་མཆིས་པ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན།

D8.014.0304b07.01