藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 201b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

གཉིས་ཀ་མེད་པར་ཡང་མི་དམིགས་སོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནང་གི་རྣམ་པར་ཤེས་པ་ཞེས་མིང་དུ་བྱ་བ་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་{མྱིང་,མིང་}དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་

D8.014.0201b01.01
2

པ་མེད་དེ། {མྱིང་,མིང་}དེ་ནི་ནང་ན་ཡང་{མྱེད,མེད}། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་{དམྱིགས་,དམིགས་}སོ། །རབ་འབྱོར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་{མྱིང་,མིང་}དང་། ཆོས་དེ་དག་ཐམས་ཅད་ནི་ཆོས་སུ་

D8.014.0201b02.01
3

གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་ནི་{མྱིང་,མིང་}དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་{མྱེད་,མེད་}དེ། {མྱིང་,མིང་}དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་{མྱེད,མེད}། གཉིས་ཀ་མེད་པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་མིག་

D8.014.0201b03.01
4

ཅེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། མིག་ཅེས་མིང་དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ། {མྱིང་,མིང་}དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་

D8.014.0201b04.01
5

མེད་པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་རྣ་བ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། རྣ་བ་ཞེས་{མྱིང་,མིང་}དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་འགག་པ་མེད་དེ། {མྱིང་,མིང་}དེ་ནི་ནང་ན་ཡང་

D8.014.0201b05.01
6

{མྱེད,མེད}། ཕྱི་རོལ་ན་ཡང་{མྱེད,མེད}། གཉིས་ཀ་མེད་པར་ཡང་{མྱི་,མི་}{དམྱིགས་,དམིགས་}སོ། །རབ་འབྱོར་སྣ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དོ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། སྣ་ཞེས་{མྱིང་,མིང་}དང་བརྡ་ཙམ་དུ་ཐ་སྙད་ཀྱིས་གདགས་པ་མ་གཏོགས་པར་སྐྱེ་བའམ་

D8.014.0201b06.01
7

འགག་པ་མེད་དེ། མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་{དམྱིགས་,དམིགས་}སོ། །རབ་འབྱོར་ལྕེ་ཞེས་བྱ་བ་འདི་ནི་ཆོས་སུ་གདགས་པ་ཙམ་དུ་ཟད་དེ། ཆོས་སུ་བཏགས་པ་དེ་ལ་འདི་ལྟ་སྟེ། ལྕེ་ཞེས་{མྱིང་,མིང་}དང་བརྡ་ཙམ་དུ་ཐ་སྙད་ཀྱིས་

D8.014.0201b07.01