完整藏文原文 · 德格版页 当前仅加载第 14 函德格 83b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ལྷ་རྣམས་ཡོད་པ་ཡིན། ཆུང་སྣང་གི་ལྷ་རྣམས་ཡོད་པ་ཡིན། ཚད་མེད་སྣང་གི་ལྷ་རྣམས་ཡོད་པ་ཡིན། །ཀུན་སྣང་དང་བའི་ལྷ་རྣམས་ཡོད་པ་ཡིན། དགེ་བའི་ལྷ་རྣམས་ཡོད་པ་ཡིན། ཆུང་དགེའི་ལྷ་རྣམས་ཡོད་པ་ཡིན། ཚད་{མྱེད་,མེད་}དགེ་བའི་
D8.014.0083b01.01ལྷ་རྣམས་ཡོད་པ་ཡིན། དགེ་རྒྱས་ཀྱི་ལྷ་རྣམས་ཡོད་པ་ཡིན། ཆེ་བའི་ལྷ་རྣམས་ཡོད་པ་ཡིན། ཆུང་ཆེའི་ལྷ་རྣམས་ཡོད་པ་ཡིན། ཚད་{མྱེད་,མེད་}ཆེ་བའི་ལྷ་རྣམས་ཡོད་པ་ཡིན། འབྲས་བུ་ཆེ་བའི་ལྟ་རྣམས་ཡོད་པ་ཡིན། {མྱི་,མི་}ཆེ་བའི་ལྷ་རྣམས་ཡོད་
D8.014.0083b02.01པ་ཡིན། {མྱི་,མི་}གདུང་བའི་ལྷ་རྣམས་ཡོད་པ་ཡིན། ཤིན་ཏུ་མཐོང་བའི་ལྷ་རྣམས་ཡོད་པ་ཡིན། གྱ་ནོམ་སྣང་བའི་ལྷ་རྣམས་ཡོད་པ་ཡིན། འོག་{མྱིན་,མིན་}གྱི་ལྷ་རྣམས་ཡོད་པ་ཡིན། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། རྣམ་
D8.014.0083b03.01ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། {ཆུང་ཟད་,ཅུང་ཟད་}{མྱེད་,མེད་}པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། འདུ་ཤེས་{མྱེད་,མེད་}འདུ་ཤེས་{མྱེད་,མེད་}{མྱིན་,མིན་}སྐྱེ་མཆེད་ཀྱི་ལྷ་རྣམས་ཡོད་པ་ཡིན། རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་ན་ཡོད་པ་ཡིན།
D8.014.0083b04.01ལན་ཅིག་ཕྱིར་འོང་བ་རྣམས་ཡོད་པ་ཡིན། ཕྱིར་{མྱི་,མི་}འོང་བ་རྣམས་ཡོད་པ་ཡིན། དགྲ་བཅོམ་པ་རྣམས་ཡོད་པ་ཡིན། རང་སངས་རྒྱས་རྣམས་ཡོད་པ་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཡོད་པ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་
D8.014.0083b05.01པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་ན་ཡོད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་ལགས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སྦྱིན་པ་ཡོངས་སུ་སྦྱོང་བ་ལགས་སམ། བཅོམ་ལྡན་
D8.014.0083b06.01འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་སྦྱིན་པ་རྣམ་གྲངས་ཀྱིས་ཡོངས་སུ་སྤྱོད་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་སྦྱིན་པ་ཀུན་ཀྱང་ཤིན་
D8.014.0083b07.01