完整藏文原文 · 德格版页 当前仅加载第 14 函德格 186b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འཇིག་རྟེན་གྱི་ཁམས་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ། ནམ་མཁའི་མཐས་གཏུགས་པ་དག་གི་འགྲོ་བ་དྲུག་ཏུ་གཏོགས་པ་རྣམས་ཀྱི་སྐྱེ་བ་དང་། འཆི་འཕོ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེས་ཀྱང་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་
D8.014.0186b01.01{མྱིག་,མིག་}དེ་{མྱིག་,མིག་}མ་ཡིན་ཞིང་བསམ་གྱིས་{མྱི་,མི་}ཁྱབ་པའི་ཕྱིར་ཏེ། དེ་བདག་གིས་མཐོང་ངོ་ཞེས་བྱ་བར་རློམ་སེམས་མེད་དོ། །དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་{མྱིག་,མིག་}དེ་
D8.014.0186b02.01ལྟ་བུ་དེས་{མྱི་,མི་}{དམྱིགས་,དམིགས་}ཏེ། དེ་ནི་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་མ་གཏོགས་པར་ལྷའི་མིག་གི་བསམ་པ་འམ། ལྷའི་{མྱིག་,མིག་}མངོན་པར་བསྒྲུབ་པའི་བསམ་པ་ཙམ་ཡང་{མྱི་,མི་}སྐྱེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་
D8.014.0186b03.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ལྷའི་{མྱིག་,མིག་}མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་པ་ཡིན་ནོ། །དེ་ནི་ཟག་པ་ཟད་པ་མངོན་དུ་བྱ་བའི་མངོན་པར་ཤེས་པའི་ཡེ་ཤེས་མངོན་པར་སྒྲུབ་ཀྱང་ཉན་ཐོས་ཀྱི་ས་འམ། རང་སངས་
D8.014.0186b04.01རྒྱས་ཀྱིས་ཐོབ་པར་མི་བྱེད་དོ། །གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བ་དེ་ལྟ་བུའི་ཆོས་ཀྱང་གང་ཡང་མི་མཐོང་ངོ་། །དེ་མངོན་པར་ཤེས་པ་དེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་བྱས་ནས། བག་ཆགས་ཀྱི་མཚམས་སྦྱོར་བའི་ཉོན་
D8.014.0186b05.01མོངས་པ་ཐམས་ཅད་རབ་ཏུ་སྤོང་བར་བྱེད་དེ། ཟག་པ་ཟད་པ་མངོན་དུ་བྱ་བ་མངོན་པར་ཤེས་པ་དེས་རློམ་སེམས་སུ་འགྱུར་བ་མེད་དོ། །དེ་ནི་འདི་ལྟར་ཡེ་ཤེས་དེ་ཉིད་ཡེ་ཤེས་མ་ཡིན་ཞིང་བསམ་གྱིས་མི་ཁྱབ་པའི་ཕྱིར་ཏེ། དེ་བདག་གིས་རབ་ཏུ་ཤེས་སོ་ཞེས་བྱ་བར་རློམ་
D8.014.0186b06.01སེམས་{མྱེད་,མེད་}དེ། དེ་ཡང་འདི་ལྟར་རང་བཞིན་སྟོང་པ་དང་། རང་བཞིན་དབེན་པ་དང་། རང་བཞིན་མ་སྐྱེས་པའི་ཕྱིར་གང་གིས་རློམ་སེམས་སུ་འགྱུར་བའི་ཟག་པ་ཟད་པའི་ཡེ་ཤེས་མངོན་དུ་བྱ་བའི་མངོན་པར་ཤེས་པ་དེ་ལྟ་བུ་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་ནི་ཐམས་ཅད་
D8.014.0186b07.01