完整藏文原文 · 德格版页 当前仅加载第 14 函德格 159b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
གིས་ནི་སེམས་ཅན་རྣམས་ཡོངས་སུ་སྨྱིན་པར་བྱའོ། །བདག་གིས་ནི་བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་མི་སེམས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་དེ་ཆོས་ཀྱི་དབྱིངས་
D8.014.0159b01.01ལ་བྱེ་བྲག་ཏུ་འབྱེད་པ་{མྱེད་,མེད་}དེ། དེ་ནི་ཆོས་ཀྱི་དབྱིངས་ལས་ཆོས་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་འམ། གང་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ལུང་བསྟན་པར་བྱ་བ་འམ། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་
D8.014.0159b02.01འཚང་རྒྱ་བ། དེ་ལྟ་བུའི་ཆོས་གཞན་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སེམས་ཅན་གྱི་འདུ་ཤེས་{མྱི་,མི་}སྐྱེའོ། །བདག་གི་འདུ་ཤེས་{མྱི་,མི་}སྐྱེའོ། །སྲོག་གི་
D8.014.0159b03.01འདུ་ཤེས་{མྱི་,མི་}སྐྱེའོ། །འགྲོ་བའི་འདུ་ཤེས་{མྱི་,མི་}སྐྱེའོ། །གསོ་བའི་འདུ་ཤེས་{མྱི་,མི་}སྐྱེའོ། །སྐྱེས་བུའི་འདུ་ཤིས་{མྱི་,མི་}སྐྱེའོ། །གང་ཟག་གི་འདུ་ཤེས་མི་སྐྱེའོ། །ཤེད་ཅན་གྱི་འདུ་ཤེས་{མྱི་,མི་}སྐྱེའོ། །ཤེད་བདག་གི་འདུ་ཤེས་{མྱི་,མི་}སྐྱེའོ། །བྱེད་པ་པོའི་འདུ་ཤེས་{མྱི་,མི་}སྐྱེའོ། །ཚོར་བ་
D8.014.0159b04.01པོའི་འདུ་ཤེས་{མྱི་,མི་}སྐྱེའོ། །ཤེས་པ་པོའི་འདུ་ཤེས་མི་སྐྱེའོ། །མཐོང་བ་པོའི་འདུ་ཤེས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་ཏེ། སེམས་ཅན་ལ་ནི་སྐྱེ་བ་དང་འགག་པ་མེད་དོ། །གང་ལ་སྐྱེ་
D8.014.0159b05.01བ་དང་འགག་པ་མེད་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་ཡང་ཇི་ལྟར་འགྱུར་ཏེ། ཤ་ར་དྭ་ཏིའི་བུ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་སེམས་ཅན་སྐྱེ་བ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན།
D8.014.0159b06.01སེམས་ཅན་སྟོང་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་དབེན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན། སེམས་ཅན་རང་བཞིན་
D8.014.0159b07.01