藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 147b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྦྱོར་རོ། །སྟོབས་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བྱང་ཆུབ་ཀྱི་ཡན་ལག་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་

D8.014.0147b01.01
2

མི་སྦྱོར་རོ། །འཕགས་པའི་བདེན་པ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །བསམ་གཏན་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཚད་{མྱེད་,མེད་}པ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །

D8.014.0147b02.01
3

གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྣམ་པར་ཐར་པ་བརྒྱད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་བརྟན་ཞེས་བྱ་བ་

D8.014.0147b03.01
4

འམ་{མྱི་,མི་}བརྟན་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །སྟོང་པ་ཉིད་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །མཚན་མ་མེད་པ་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །སྨོན་པ་{མྱེད་,མེད་}པ་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །

D8.014.0147b04.01
5

མངོན་པར་ཤེས་པ་རྣམས་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་མི་སྦྱོར་རོ། །ཏིང་ངེ་འཛིན་རྣམས་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །གཟུངས་ཀྱི་སྒོ་རྣམས་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །དེ་བཞིན་གཤེགས་

D8.014.0147b05.01
6

པའི་སྟོབས་བཅུ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །{མྱི་,མི་}འཇིགས་པ་བཞི་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་མི་སྦྱོར་རོ། །སོ་སོ་ཡང་དག་པར་རིག་པ་བཞི་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་མི་སྦྱོར་རོ། །བྱམས་པ་ཆེན་པོ་

D8.014.0147b06.01
7

བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་{མྱི་,མི་}སྦྱོར་རོ། །སྙིང་རྗེ་ཆེན་པོ་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་མི་སྦྱོར་རོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་བརྟན་ཞེས་བྱ་བ་འམ་{མྱི་,མི་}བརྟན་ཞེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་

D8.014.0147b07.01