藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 330b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པར་ཤེས་པའི་ཁམས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། མ་རིག་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་འདུ་བྱེད་ལ་ཡང་འགྱུར་བ་མེད་ཅིང་

D8.014.0330b01.01
2

རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་{མྱིང་,མིང་}དང་གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་སྐྱེ་མཆེད་དྲུག་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་

D8.014.0330b02.01
3

རྟོག་པ་མེད་དོ། །དེ་བཞིན་དུ་རེག་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་ཚོར་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་སྲེད་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་ལེན་པ་ལ་ཡང་

D8.014.0330b03.01
4

འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་སྲིད་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་སྐྱེ་བ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་རྒ་ཤི་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་

D8.014.0330b04.01
5

ལྟར་སེམས་ལ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་{མྱེད་,མེད་}པ་དེ་བཞིན་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་

D8.014.0330b05.01
6

བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་མེད་དོ། །དེ་བཞིན་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་

D8.014.0330b06.01
7

རྟོག་པ་{མྱེད་,མེད་}དོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་མེད་དོ། །ཇི་ལྟར་སེམས་ལ་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}པ་དེ་བཞིན་དུ། ནང་སྟོང་པ་ཉིད་ལ་ཡང་འགྱུར་བ་{མྱེད་,མེད་}ཅིང་རྣམ་པར་རྟོག་པ་{མྱེད་,མེད་}དོ། །

D8.014.0330b07.01