完整藏文原文 · 德格版页 当前仅加载第 14 函德格 95a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །{མྱིག་,མིག་}གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་
D8.014.0095a01.01ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་
D8.014.0095a02.01སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་
D8.014.0095a03.01དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་
D8.014.0095a04.01རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་
D8.014.0095a05.01མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་སྔོན་གྱི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ཕྱི་མའི་མཐར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་
D8.014.0095a06.01ཕྱི་མའི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་ད་ལྟར་བྱུང་བར་མི་སྦྱོར་མི་འབྱེད་དེ། དེ་ནི་འདི་ལྟར་ད་ལྟར་བྱུང་བ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་དང་
D8.014.0095a07.01