完整藏文原文 · 德格版页 当前仅加载第 14 函德格 236b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྒྱས་ཀྱི་མིང་ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཤེས་རབ་
D8.014.0236b01.01ཀྱི་ཕ་རོལ་ཏུ་ཕྱིན་པའི་{མྱིང་,མིང་}ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །
D8.014.0236b02.01སངས་རྒྱས་ཀྱི་{མྱིང་,མིང་}ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ཆོས་རྣམས་ཀྱི་ཆོས་ཀྱི་
D8.014.0236b03.01མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བར་མི་འགྱུར་རོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {མྱིང་,མིང་}དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་
D8.014.0236b04.01དུ་ཆུད་པར་བྱ་སྟེ། དེ་ལྟར་དེས་{མྱིང་,མིང་}དང་བརྡར་བྱ་བའི་ཆོས་སུ་གདགས་པ་ཁོང་དུ་ཆུད་ནས། གཟུགས་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །ཚོར་བ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །འདུ་ཤེས་ལ་ཆགས་པར་འགྱུར་བ་
D8.014.0236b05.01མེད་དོ། །རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །{མྱིག་,མིག་}ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །གཟུགས་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །{མྱིག་,མིག་}གི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །{མྱིག་,མིག་}གི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་
D8.014.0236b06.01བ་{མྱེད་,མེད་}དོ། །གང་ཡང་{མྱིག་,མིག་}དང་གཟུགས་དང་། {མྱིག་,མིག་}གི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ་སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། །སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་{མྱེད་,མེད་}དོ། །རྣ་བ་ལ་
D8.014.0236b07.01