藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 301b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་སྨོན་པ་མེད་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་

D8.014.0301b01.01
2

བ་འདི་རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་

D8.014.0301b02.01
3

རྣམ་པར་ཤེས་པ་སྨོན་པ་{མྱེད་,མེད་}པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་ཇི་ཞིག་ལ་བརྟེན་ནས། འདི་སྐད་དུ། གཟུགས་ཀྱི་

D8.014.0301b03.01
4

ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། ཚོར་བའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་ཤེས་ཀྱི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། འདུ་བྱེད་ཀྱི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་

D8.014.0301b04.01
5

ཡིན་ཞེས་ཟེར། རྣམ་པར་ཤེས་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན་ཞེས་ཟེར། དེ་བཞིན་དུ། གཟུགས་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན།

D8.014.0301b05.01
6

ཚོར་བ་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། །འདུ་ཤེས་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་

D8.014.0301b06.01
7

སེམས་དཔའ་མ་ཡིན། །འདུ་བྱེད་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་མི་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། །རྣམ་པར་ཤེས་པ་རྟག་པའི་ཚིག་{བླ་དགས་,བླ་དྭགས་}བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་

D8.014.0301b07.01