完整藏文原文 · 德格版页 当前仅加载第 14 函德格 351b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པའི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་
D8.014.0351b01.01མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་དབང་པོ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་
D8.014.0351b02.01མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་དབང་པོ་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་དབང་པོའི་{མྱིང་,མིང་}དེ་ཡང་
D8.014.0351b03.01གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་སྟོབས་
D8.014.0351b04.01རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་སྟོབས་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་
D8.014.0351b05.01གདགས་པར་བགྱི། བཅོམ་ལྡན་འདས་སྟོབས་ཀྱི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་
D8.014.0351b06.01བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་འཕེལ་བ་དང་འགྲིབ་
D8.014.0351b07.01