完整藏文原文 · 德格版页 当前仅加载第 14 函德格 370a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སྟེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ལགས། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་
D8.014.0370a01.01ཏེ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའོ། །སའི་ཁམས་སའི་ཁམས་ཀྱིས་སྟོང་སྟེ། སའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་སའི་ཁམས་མ་
D8.014.0370a02.01ལགས། སའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། སའི་ཁམས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་སའི་ཁམས་སོ། །ཆུའི་ཁམས་ཆུའི་ཁམས་ཀྱིས་སྟོང་སྟེ། ཆུའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཆུའི་ཁམས་མ་ལགས།
D8.014.0370a03.01ཆུའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཆུའི་ཁམས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཆུའི་ཁམས་སོ། །{མྱེའི་,མེའི་}ཁམས་{མྱེའི་,མེའི་}ཁམས་ཀྱིས་སྟོང་སྟེ། {མྱེའི་,མེའི་}ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་{མྱེའི་,མེའི་}ཁམས་མ་ལགས། {མྱེའི་,མེའི་}
D8.014.0370a04.01ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། {མྱེའི་,མེའི་}ཁམས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་{མྱེའི་,མེའི་}ཁམས་སོ། །རླུང་གི་ཁམས་རླུང་གི་ཁམས་ཀྱིས་སྟོང་སྟེ། རླུང་གི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་རླུང་གི་ཁམས་མ་ལགས། རླུང་གི་
D8.014.0370a05.01ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རླུང་གི་ཁམས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རླུང་གི་ཁམས་སོ། །ནམ་མཁའི་ཁམས་ནམ་མཁའི་ཁམས་ཀྱིས་སྟོང་སྟེ། ནམ་མཁའི་ཁམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ནམ་མཁའི་
D8.014.0370a06.01ཁམས་མ་ལགས། ནམ་མཁའི་ཁམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ནམ་མཁའི་ཁམས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ནམ་མཁའི་ཁམས་སོ། །རྣམ་པར་ཤེས་པའི་ཁམས་རྣམ་པར་ཤེས་པའི་ཁམས་ཀྱིས་སྟོང་སྟེ། རྣམ་པར་ཤེས་
D8.014.0370a07.01