完整藏文原文 · 德格版页 当前仅加载第 14 函德格 299b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་འདུ་བྱེད་ཞི་བའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་
D8.014.0299b01.01དཔའ་ཞེས་བྱ་བ་འདི་འདུ་བྱེད་མ་ཞི་བའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་
D8.014.0299b02.01པར་ཤེས་པ་ཞི་བའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་རྣམ་པར་ཤེས་པ་མ་ཞི་བའི་ཚིག་{བླ་དགས་,བླ་དྭགས་}
D8.014.0299b03.01ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་སྟོང་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་
D8.014.0299b04.01ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་མི་སྟོང་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །
D8.014.0299b05.01བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་སྟོང་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་
D8.014.0299b06.01པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ཚོར་བ་མི་སྟོང་པའི་ཚིག་{བླ་དགས་,བླ་དྭགས་}ཡིན་སྙམ་མམ། །གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས།
D8.014.0299b07.01