完整藏文原文 · 德格版页 当前仅加载第 14 函德格 309a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། {མྱི་,མི་}འཇིགས་{མྱི་,མི་}སྔང་སྐྲག་པར་མི་
D8.014.0309a01.01འགྱུར་ཞིང་། དེའི་སེམས་ཆོས་གང་ལ་ཡང་ཞུམ་པར་{མྱི་,མི་}འགྱུར། ཡིད་འགྱོད་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་
D8.014.0309a02.01རྗེས་སུ་{མྱི་,མི་}མཐོང་ངོ་། །ཚོར་བ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །{མྱིག་,མིག་}ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །
D8.014.0309a03.01རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྣ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ལྕེ་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ལུས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །ཡིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །སྒྲ་
D8.014.0309a04.01ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དྲི་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རེག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཆུའི་
D8.014.0309a05.01ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །{མྱེའི་,མེའི་}ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རླུང་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ནམ་མཁའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པའི་ཁམས་
D8.014.0309a06.01ཡང་དག་པར་རྗེས་སུ་མི་མཐོང་ངོ་། །མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །{མྱིང་,མིང་}དང་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་
D8.014.0309a07.01