藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 352a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་བྱང་ཆུབ་ཀྱི་ཡན་ལག་གི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་

D8.014.0352a01.01
2

པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཕེལ་བ་དང་འགྲིབ་པ་

D8.014.0352a02.01
3

མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་

D8.014.0352a03.01
4

པར་བགྱི། བཅོམ་ལྡན་འདས་འཕགས་པའི་ལམ་ཡན་ལག་བརྒྱད་པའི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་

D8.014.0352a04.01
5

མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་{དམྱིགས་,དམིགས་}ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་རྣམ་པར་ཐར་པའི་སྒོ་སྟོང་པ་

D8.014.0352a05.01
6

ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་{མྱིང་,མིང་}དུ་གདགས་པར་བགྱི། བཅོམ་ལྡན་འདས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཀྱི་{མྱིང་,མིང་}དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་

D8.014.0352a06.01
7

བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། {མྱིང་,མིང་}དེ་མ་མཆིས་པས་དེ་ལྟར་ན་{མྱིང་,མིང་}དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །བཅོམ་ལྡན་འདས་བདག་གིས་རྣམ་པར་ཐར་པའི་སྒོ་མཚན་མ་{མྱེད་,མེད་}

D8.014.0352a07.01