藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 192a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་སོ། །སྒོམ་མོ། །སྒོམ་པར་འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་གྱུར་ཏོ། །ཡོངས་སུ་རྫོགས་སོ། །ཡོངས་སུ་རྫོགས་པར་

D8.014.0192a01.01
2

འགྱུར་རོ། །དེའི་སླད་དུ་མི་མཉམ་པ་དང་མཉམ་པའི་ལུས་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་པར་འགྱུར་རོ། །དེའི་སླད་དུ་{མྱི་,མི་}མཉམ་པ་དང་མཉམ་པའི་ཆོས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ། །འཐོབ་བོ། །ཐོབ་

D8.014.0192a02.01
3

པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས་{མྱི་,མི་}མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་ཚོར་བ་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་ཤེས་ཐོབ་པར་

D8.014.0192a03.01
4

གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། {མྱི་,མི་}མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་

D8.014.0192a04.01
5

བར་གྱུར་ཏོ། །འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། {མྱི་,མི་}མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་ཚོར་བ་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་

D8.014.0192a05.01
6

དང་མཉམ་པའི་འདུ་ཤེས་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། {མྱི་,མི་}མཉམ་པ་དང་

D8.014.0192a06.01
7

མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། {མྱི་,མི་}མཉམ་པ་དང་མཉམ་པའི་གཟུགས་ཐོབ་པར་འགྱུར་རོ། །{མྱི་,མི་}མཉམ་པ་དང་མཉམ་པའི་

D8.014.0192a07.01