完整藏文原文 · 德格版页 当前仅加载第 14 函德格 367a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
བགྱིའོ། །དེས་རྣམ་པར་ཤེས་པ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་{མྱིང་,མིང་}དང་གཟུགས་ལ་གནས་པར་{མྱི་,མི་}བགྱིའོ། །དེས་སྐྱེ་མཆེད་དྲུག་ལ་གནས་པར་{མྱི་,མི་}བགྱིའོ། །དེས་རེག་པ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་ཚོར་བ་
D8.014.0367a01.01ལ་གནས་པར་{མྱི་,མི་}བགྱིའོ། །དེས་སྲེད་པ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་ལེན་པ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་སྲིད་པ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་སྐྱེ་བ་ལ་གནས་པར་{མྱི་,མི་}བགྱིའོ། །དེས་རྒ་ཤི་ལ་གནས་པར་{མྱི་,མི་}བགྱིའོ། །དེ་ཅིའི་སླད་དུ་
D8.014.0367a02.01ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་གཟུགས་གཟུགས་ཀྱིས་སྟོང་སྟེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། གཟུགས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་
D8.014.0367a03.01ཀྱང་གཟུགས་སོ། །ཚོར་བ་ཚོར་བས་སྟོང་སྟེ། ཚོར་བའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་ཚོར་བ་མ་ལགས། ཚོར་བ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། ཚོར་བ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་ཚོར་བའོ། །འདུ་ཤེས་འདུ་ཤེས་ཀྱིས་སྟོང་
D8.014.0367a04.01སྟེ། འདུ་ཤེས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་འདུ་ཤེས་མ་ལགས། འདུ་ཤེས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། འདུ་ཤེས་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་ཤེས་སོ། །འདུ་བྱེད་འདུ་བྱེད་ཀྱིས་སྟོང་སྟེ། འདུ་བྱེད་ཀྱི་སྟོང་པ་ཉིད་
D8.014.0367a05.01གང་ལགས་པ་དེ་ཡང་འདུ་བྱེད་མ་ལགས། འདུ་བྱེད་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། འདུ་བྱེད་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་འདུ་བྱེད་དོ། །རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། རྣམ་པར་ཤེས་པའི་སྟོང་པ་ཉིད་གང་
D8.014.0367a06.01ལགས་པ་དེ་ཡང་རྣམ་པར་ཤེས་པ་མ་ལགས། རྣམ་པར་ཤེས་པ་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། རྣམ་པར་ཤེས་པ་ཉིད་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་རྣམ་པར་ཤེས་པའོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་
D8.014.0367a07.01