藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 192b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཚོར་བ་ཐོབ་པར་འགྱུར་རོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་ཤེས་ཐོབ་པར་འགྱུར་རོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་འགྱུར་རོ། །{མྱི་,མི་}མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་པར་འགྱུར་རོ། །{མྱི་,མི་}མཉམ་པ་དང་མཉམ་པའི་བྱང་ཆུབ་

D8.014.0192b01.01
2

ཏུ་མངོན་པར་བྱང་ཆུབ་ནས། {མྱི་,མི་}མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། །ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱད་པས། {མྱི་,མི་}མཉམ་པ་དང་མཉམ་པའི་གཟུགས་

D8.014.0192b02.01
3

ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་ཚོར་བ་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་ཤེས་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་འདུ་བྱེད་ཐོབ་པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་རྣམ་པར་ཤེས་པ་ཐོབ་

D8.014.0192b03.01
4

པར་གྱུར་ཏོ། །{མྱི་,མི་}མཉམ་པ་དང་མཉམ་པའི་བྱང་ཆུབ་ཏུ་མངོན་པར་བྱང་ཆུབ་ནས། མི་མཉམ་པ་དང་མཉམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱུར་ཏོ། །དེ་ལྟ་ལགས་པས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་

D8.014.0192b04.01
5

ཀྱི་ཕ་རོལ་ཏུ་ཕྱིན་པར་འཚལ་བས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དེ་དག་ནི་ལྷ་དང་{མྱི་,མི་}དང་ལྷ་མ་ཡིན་དུ་

D8.014.0192b05.01
6

བཅས་པས། ཕྱག་བགྱི་བ་ལགས་སོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་དེ་དག་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་

D8.014.0192b06.01
7

ཀྱི་བུ་དག་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཇི་སྐད་དུ་སྨྲས་པ་བཞིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྤྱོད་པ་དག་ནི་ལྷ་དང་{མྱི་,མི་}དང་ལྷ་མ་ཡིན་དུ་བཅས་པས། ཕྱག་བྱ་བར་འོས་པའོ། །དེ་ཅིའི་ཕྱིར་

D8.014.0192b07.01