藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 14 函德格 376a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་གནས་པར་{མྱི་,མི་}བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་དེ་བཞིན་གཤེགས་པའི་

D8.014.0376a01.01
2

སྟོབས་རྣམས་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱིས་སྟོང་སྟེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས། དེ་བཞིན་གཤེགས་པའི་སྟོབས་རྣམས་ལས་གུད་ན་ཡང་

D8.014.0376a02.01
3

སྟོང་པ་ཉིད་མ་མཆིས་ཏེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་དེ་བཞིན་གཤེགས་པའི་སྟོབས་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་

D8.014.0376a03.01
4

ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་བཞིན་གཤེགས་པའི་སྟོབས་རྣམས་ལ་གནས་པར་{མྱི་,མི་}བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མི་འཇིགས་པ་བཞི་

D8.014.0376a04.01
5

ལ་གནས་པར་{མྱི་,མི་}བགྱི་སྟེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་{མྱི་,མི་}འཇིགས་པ་རྣམས་{མྱི་,མི་}འཇིགས་པ་རྣམས་ཀྱིས་སྟོང་སྟེ། {མྱི་,མི་}འཇིགས་པ་རྣམས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་{མྱི་,མི་}འཇིགས་པ་རྣམས་མ་ལགས། {མྱི་,མི་}

D8.014.0376a05.01
6

འཇིགས་པ་རྣམས་ལས་གུད་ན་ཡང་སྟོང་པ་ཉིད་མ་མཆིས་ཏེ། {མྱི་,མི་}འཇིགས་པ་རྣམས་ཀྱང་སྟོང་པ་ཉིད་སྟོང་པ་ཉིད་ཀྱང་{མྱི་,མི་}འཇིགས་པ་རྣམས་སོ། །བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་

D8.014.0376a06.01
7

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། {མྱི་,མི་}འཇིགས་པ་རྣམས་ལ་གནས་པར་{མྱི་,མི་}བགྱིའོ། །བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སོ་སོ་ཡང་དག་པར་རིག་པ་

D8.014.0376a07.01