完整藏文原文 · 德格版页 当前仅加载第 62 函德格 136b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང་། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་
D213.062.0136b01.01པར་བྱ། །ཉོན་མོངས་སྤངས་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ། །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང་། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་
D213.062.0136b02.01ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཕུང་པོ་སྤངས་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ། །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་
D213.062.0136b03.01གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང་། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཁྲོ་གླེན་འདོད་ཟད་
D213.062.0136b04.01མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ། །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང་། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །
D213.062.0136b05.01ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་འགོག་པའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ། །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱིས་ཆོས་ཁུ་ཞིམ་པོ་འཐུང་། །
D213.062.0136b06.01འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་རྟེན་གྱི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་
D213.062.0136b07.01