完整藏文原文 · 德格版页 当前仅加载第 47 函德格 1b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནིཥྛ་ཏ་ན་བྷ་ག་ཝད་ཛྙཱ་ན་བཻ་པུ་ལྱན་སཱུ་ཏྲ་རཏྣ་ཨ་ནནྟ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་
D99.047.0001b01.01ཤེས་རྒྱས་པའི་མདོ་སྡེ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་
D99.047.0001b02.01འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་
D99.047.0001b03.01སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དེའི་ཚེ་གྲོང་ཁྱེར་ཆེན་པོ་དགེ་བའི་ཕ་རོལ་འགྲོ་ཞེས་བྱ་བར་ཁྱིམ་བདག་ཕྱྭ་མཁན་ཞིག་
D99.047.0001b04.01གིས་བཅོམ་ལྡན་འདས་ཁོ་ནའི་ཕྱིར་བཅོམ་ལྡན་འདས་ཁོ་ན་ལ་དམིགས་ཏེ། བཅོམ་ལྡན་འདས་ཁོ་ནའི་ཆེད་དུ་ཚེ་དང་ལྡན་པ་གང་པོ་ལག་གི་བླ་བྱེད་དུ་བཅུག་ནས། ཁང་{བཟངས་,བཟང་}ཙན་དན་གྱི་
D99.047.0001b05.01