完整藏文原文 · 德格版页 当前仅加载第 47 函德格 267a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མ་ཡིན། གཟུགས་མེད་པ་ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་པ་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་མཐའ་ཡོད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །ཤི་ནས་ནད་མེད་
D99.047.0267a01.01པ་ཞེས་བྱ་བ་ནས། དེ་བཞིན་དུ་སྦྱར་ཏེ། འདི་ཉིད་བདེན་གྱི་གཞན་ནི་{བརྫུན་,རྫུན་}ནོ། །བདག་མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་
D99.047.0267a02.01ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་གཅིག་ཏུ་བདེ་བ་དང་
D99.047.0267a03.01ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་གཅིག་ཏུ་སྡུག་བསྔལ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་བདེ་བ་དང་ལྡན་པ་སྡུག་བསྔལ་དང་
D99.047.0267a04.01ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་པ་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་འདུ་ཤེས་གཅིག་ཏུ་གྱུར་པ་
D99.047.0267a05.01ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་འདུ་ཤེས་ཐ་དད་དུ་གྱུར་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་འདུ་ཤེས་ཆུང་བ་ཡིན་ཏེ། ཤི་ནས་འདུ་ཤེས་དང་
D99.047.0267a06.01ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ། །བདག་འདུ་ཤེས་ཚད་མེད་པ་དང་ལྡན་པ་ཡིན་ཏེ། ཤི་ནས་འདུ་ཤེས་དང་ལྡན་ཞིང་ནད་མེད་པ་འདི་ཉིད་བདེན་གྱི། གཞན་ནི་{བརྫུན་,རྫུན་}ནོ་སྙམ་སྟེ། འདི་དག་ནི་འདུ་ཤེས་སུ་སྨྲ་བ་བཅུ་དྲུག་གོ། །དེ་ལ་འདུ་ཤེས་སུ་སྨྲ་བ་བརྒྱད་གང་
D99.047.0267a07.01