完整藏文原文 · 德格版页 当前仅加载第 19 函德格 29a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཡོད་དོ། །འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོད་དོ། །འཕགས་པའི་བདེན་པ་རྣམས་ཡོད་དོ། །བསམ་གཏན་རྣམས་ཡོད་དོ། །ཚད་{མྱེད་,མེད་}པ་རྣམས་ཡོད་དོ། །གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཡོད་དོ། །རྣམ་པར་
D8.019.0029a01.01ཐར་པ་བརྒྱད་ཡོད་དོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡོད་དོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་{མྱེད་,མེད་}པ་ཡོད་དོ། །མངོན་པར་ཤེས་པ་རྣམས་ཡོད་དོ། །ཏིང་ངེ་འཛིན་རྣམས་ཡོད་དོ། །གཟུངས་ཀྱི་སྒོ་རྣམས་ཡོད་དོ། །
D8.019.0029a02.01དེ་བཞིན་གཤེགས་པའི་སྟོབས་རྣམས་ཡོད་དོ། །{མྱི་,མི་}འཇིགས་པ་རྣམས་ཡོད་དོ། །སོ་སོ་ཡང་དག་པར་རིག་པ་རྣམས་ཡོད་དོ། །སྙིང་རྗེ་ཆེན་པོ་ཡོད་དོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཡོད་དོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ཡོད་དོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡོད་
D8.019.0029a03.01དོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ཡོད་དོ། །དགྲ་བཅོམ་པ་ཉིད་ཡོད་དོ། །རང་བྱང་ཆུབ་ཡོད་དོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོད་དོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡོད་དོ། །རྒྱུན་ཏུ་ཞུགས་པ་རྣམས་ཡོད་དོ། །ལན་ཅིག་ཕྱིར་འོང་བ་རྣམས་ཡོད་དོ། །ཕྱིར་
D8.019.0029a04.01{མྱི་,མི་}འོང་བ་རྣམས་ཡོད་དོ། །དགྲ་བཅོམ་པ་རྣམས་ཡོད་དོ། །རང་སངས་རྒྱས་རྣམས་ཡོད་དོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོད་དོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡོད་དོ།། །།
D8.019.0029a05.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་
D8.019.0029a06.01དང་། ཚུལ་བཞིན་དུ་ཡིད་ལ་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་གྱི། འཛམ་བུའི་གླིང་གི་སེམས་ཅན་རྣམས་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། བསམ་གཏན་བཞི་དང་། ཚད་{མྱེད་,མེད་}པ་བཞི་དང་། གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་བཞི་དང་།
D8.019.0029a07.01