完整藏文原文 · 德格版页 当前仅加载第 19 函德格 203b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་{མྱི་,མི་}བགྱིད་དམ་ཞེས་ཟེར་བ་ནི། ཀཽ་ཤི་ཀ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་{མྱི་,མི་}བྱེད། {དམྱིགས་,དམིགས་}པར་
D8.019.0203b01.01{མྱི་,མི་}བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐོབ་པར་{མྱི་,མི་}བགྱིད། {དམྱིགས་,དམིགས་}པར་{མྱི་,མི་}བགྱིད་པ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་
D8.019.0203b02.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། {མྱིང་,མིང་}ཇི་ལྟ་བ་དང་། མཚན་མ་ཇི་ལྟ་བ་དང་། མངོན་པར་འདུ་བྱེད་པ་ཇི་ལྟ་བ་དེ་བཞིན་དུ་ཐོབ་པར་{མྱི་,མི་}བྱེད་པ་ཡིན་ནོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་ཐོབ་པར་བགྱིད་པ་ལགས། །བཅོམ་ལྡན་འདས་ཀྱིས་
D8.019.0203b03.01བཀའ་སྩལ་པ། {མྱི་,མི་}{དམྱིགས་,དམིགས་}པ་དང་། {མྱི་,མི་}ལེན་པ་དང་། {མྱི་,མི་}གནས་པ་དང་། {མྱི་,མི་}འདོར་བ་དང་། མངོན་པར་ཆགས་པ་མེད་པ། དེ་ལྟར་ཐོབ་པར་བྱེད་དེ། གང་ཡང་ཐོབ་པར་བྱེད་པ་{མྱེད་,མེད་}དོ། །ཀཽ་ཤི་ཀ་དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་
D8.019.0203b04.01པར་{མྱི་,མི་}བྱེད་དེ། གང་ཡང་ཐོབ་པར་{མྱི་,མི་}བྱེད་དོ། །བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་དང་། མངོན་པར་འདུ་བགྱི་བ་མ་མཆིས་པ་དང་། {དམྱིགས་,དམིགས་}
D8.019.0203b05.01པ་མ་མཆིས་པ་དང་། འཇིག་པ་མ་མཆིས་པའི་སླད་དུ། ཉེ་བར་གནས་པ་ངོ་མཚར་ཆེའོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།
D8.019.0203b06.01ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་བགྱིད་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཆོས་ཐམས་ཅད་ཐོབ་པར་{མྱི་,མི་}བགྱིད་པའོ་ཞེས། དེ་ལྟ་བུའི་འདུ་ཤེས་སུ་གྱུར་ན། བཅོམ་ལྡན་
D8.019.0203b07.01