藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 260a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འབྲས་བུ་མ་ལགས་སོ། །གང་ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་བར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་སའི་

D8.019.0260a01.01
2

ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ཆུའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་

D8.019.0260a02.01
3

རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་{མྱེའི་,མེའི་}ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རླུང་གི་ཁམས་མཐུ་དང་

D8.019.0260a03.01
4

ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་ནམ་མཁའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་

D8.019.0260a04.01
5

ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པའི་ཁམས་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་མ་རིག་པ་མཐུ་དང་

D8.019.0260a05.01
6

ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་འདུ་བྱེད་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་

D8.019.0260a06.01
7

ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་རྣམ་པར་ཤེས་པ་མཐུ་དང་ལྡན་པར་བགྱིད་པ་འམ། མཐུ་མ་མཆིས་པར་བགྱིད་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་འབྲས་བུ་མ་ལགས་སོ། །གང་{མྱིང་,མིང་}དང་གཟུགས་མཐུ་

D8.019.0260a07.01