藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 37a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

འགྲུས་རྩོམ་པ་{མྱི་,མི་}{དམྱིགས་,དམིགས་}སོ། །བསམ་གཏན་རྣམས་ལ་སྙོམས་པར་འཇུག་པའི་ཚེ། བསམ་གཏན་དང་། བསམ་གཏན་སྒོམ་པ་{མྱི་,མི་}{དམྱིགས་,དམིགས་}སོ། །ཤེས་རབ་སྒོམ་པའི་ཚེ། ཤེས་རབ་དང་། ཤེས་རབ་སྒོམ་པ་དང་། ཤེས་རབ་དང་ལྡན་པ་{མྱི་,མི་}{དམྱིགས་,དམིགས་}

D8.019.0037a01.01
2

སོ། །ཀཽ་ཤི་ཀ་དེ་ལྟར་སྤྱོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་

D8.019.0037a02.01
3

འགྱུར་རོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཀཽ་ཤི་ཀ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ལྟར་

D8.019.0037a03.01
4

ཁོང་དུ་ཆུད་པ་{མྱེད་,མེད་}པར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་{མྱེད་,མེད་}པར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་{མྱེད་,མེད་}པར་བརྩོན་

D8.019.0037a04.01
5

འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་{མྱེད་,མེད་}པར་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་{མྱེད་,མེད་}པར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན།

D8.019.0037a05.01
6

ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ལྟར་ཁོང་དུ་ཆུད་པ་{མྱེད་,མེད་}པར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དོན་དང་ལྡན། ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་མ་འོངས་པའི་དུས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པ་རྣམས་

D8.019.0037a06.01
7

ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་འབྱུང་སྟེ། དེར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཞུགས་པ་དེ་དག་གིས་ཀྱང་། གཟུགས་བརྙན་དེ་ཐོས་ནས། ལམ་སྟོར་བར་འགྱུར་ཏེ། དེ་དག་ལ་ཤེས་རབ་ཀྱི་

D8.019.0037a07.01