藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 126a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ནི་དངོས་པོ་{མྱེད་,མེད་}པའོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དངོས་པོ་{མྱེད་,མེད་}པའོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དངོས་པོ་{མྱེད་,མེད་}པའོ། །ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ནི་དངོས་པོ་{མྱེད་,མེད་}པའོ། །དགྲ་བཅོམ་པ་ཉིད་ནི་

D8.019.0126a01.01
2

དངོས་པོ་{མྱེད་,མེད་}པའོ། །རང་བྱང་ཆུབ་ནི་དངོས་པོ་{མྱེད་,མེད་}པའོ། །ཐམས་ཅད་ཤེས་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་{མྱེད་,མེད་}པའོ། །ཞེས་བྱ་བར་ཤེས་ན། དེ་ལྟར་

D8.019.0126a02.01
3

བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ། །བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱའོ། །གལ་ཏེ་དེ་ལྟར་ཡོངས་སུ་སྔོ་ན། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་

D8.019.0126a03.01
4

བྱང་ཆུབ་ཏུ་ཡོངས་སུ་བསྔོས་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་གནས་བརྟན་རབ་འབྱོར་ལ་སྨྲས་པ། བཙུན་པ་རབ་འབྱོར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསྟན་པ་འདི་ཐོས་ན། འཇིགས་ཤིང་

D8.019.0126a04.01
5

སྔང་བའམ། སྐྲག་པར་{མྱི་,མི་}འགྱུར་རམ། བཙུན་པ་རབ་འབྱོར་ཇི་ལྟར་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དགེ་བའི་རྩ་བ་དེ་དག། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། །ཇི་

D8.019.0126a05.01
6

ལྟར་ན་དེས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བཟུང་ཞིང་། བླ་ན་{མྱེད་,མེད་}པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་ཡིན། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་

D8.019.0126a06.01
7

{དམྱིགས་,དམིགས་}ནས། ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གལ་ཏེ་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྡོད་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}པའི་

D8.019.0126a07.01