藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 128a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སྙོམས་པར་འཇུག་པ་དགུ་པོ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་ལ་སྤྱོད་ཅིང་། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་

D8.019.0128a01.01
2

དང་མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། མངོན་པར་ཤེས་པ་རྣམས་ལ་སྤྱོད་ཅིང་། མངོན་པར་ཤེས་པ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་

D8.019.0128a02.01
3

གྱིས་འཛིན་པར་བྱེད། ཏིང་ངེ་འཛིན་རྣམས་ལ་སྤྱོད་ཅིང་། ཏིང་ངེ་འཛིན་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། གཟུངས་ཀྱི་སྒོ་རྣམས་ལ་སྤྱོད་ཅིང་། གཟུངས་ཀྱི་སྒོ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་

D8.019.0128a03.01
4

མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། དེ་བཞིན་གཤེགས་པའི་སྟོབས་བཅུ་ལ་སྤྱོད་ཅིང་། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། {མྱི་,མི་}འཇིགས་པ་བཞི་ལ་སྤྱོད་ཅིང་།

D8.019.0128a04.01
5

{མྱི་,མི་}འཇིགས་པ་བཞི་པོ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། སོ་སོ་ཡང་དག་པར་རིག་པ་བཞི་ལ་སྤྱོད་ཅིང་། སོ་སོ་ཡང་དག་པར་རིག་པ་བཞི་པོ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་

D8.019.0128a05.01
6

གྱིས་འཛིན་པར་བྱེད། སྙིང་རྗེ་ཆེན་པོ་ལ་སྤྱོད་ཅིང་། སྙིང་རྗེ་ཆེན་པོ་དེ་ཡང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་ལ་སྤྱོད་ཅིང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་{བཅྭོ་,བཅོ་}བརྒྱད་

D8.019.0128a06.01
7

པོ་དེ་དག་ཀྱང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། ཐམས་ཅད་ཤེས་པ་ཉིད་ལ་སྤྱོད་ཅིང་། ཐམས་ཅད་ཤེས་པ་ཉིད་དེ་ཡང་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དང་། མཚན་མ་{མྱེད་,མེད་}པའི་ཚུལ་གྱིས་འཛིན་པར་བྱེད། ལམ་གྱི་རྣམ་

D8.019.0128a07.01