藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 357a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ཡོངས་སུ་དག་པ་གང་ཡིན་པ་དེ་ནི། རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་དག་པ་སྟེ། དེ་ལྟར་ན་རྫུ་འཕྲུལ་གྱི་རྐང་པ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་

D8.019.0357a01.01
2

གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །དབང་པོ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་{རོལད་,རོལ་}ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། དབང་པོ་

D8.019.0357a02.01
3

ཡོངས་སུ་དག་པ་སྟེ། དེ་ལྟར་ན་དབང་པོ་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །སྟོབས་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། །

D8.019.0357a03.01
4

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། སྟོབས་ཡོངས་སུ་དག་པ་སྟེ། དེ་ལྟར་ན་སྟོབས་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་

D8.019.0357a04.01
5

པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་

D8.019.0357a05.01
6

གང་ཡིན་པ་དེ་ནི། བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་དག་པ་སྟེ། དེ་ལྟར་ན་བྱང་ཆུབ་ཀྱི་ཡན་ལག་ཡོངས་སུ་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་འདི་ལ་གཉིས་སུ་{མྱེད་,མེད་}དེ་གཉིས་སུ་བྱར་{མྱེད་,མེད་}སོ་སོ་མ་ཡིན་ཐ་{མྱི་,མི་}དད་དོ། །

D8.019.0357a06.01
7

འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་གང་ཡིན་པ་དེ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་

D8.019.0357a07.01