完整藏文原文 · 德格版页 当前仅加载第 19 函德格 40b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཞེས་བྱ་བར་རྟོག་པ་དང་། དྲི་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། དྲི་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། དྲི་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རོ་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། རོ་སྡུག་
D8.019.0040b01.01བསྔལ་ལོ་ཞེས་བྱ་བར་སྟོན། རོ་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། རོ་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། །སུ་ལ་བསྟན་པ་དེ་དག་ཀྱང་། རོ་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར།
D8.019.0040b02.01རོ་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རོ་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །རོ་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རོ་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། རོ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རོ་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟག་
D8.019.0040b03.01པ་དང་། རོ་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རེག་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། རེག་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། རེག་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། རེག་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་
D8.019.0040b04.01ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། རེག་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །རེག་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །རེག་བདག་{མྱེད་,མེད་}ཅེས་བྱ་བར་
D8.019.0040b05.01རྟོག་པར་འགྱུར་རོ། །རེག་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རེག་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། རེག་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། རེག་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། རེག་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་
D8.019.0040b06.01ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ཆོས་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། ཆོས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཆོས་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། ཆོས་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་
D8.019.0040b07.01