藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 328b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རབ་འབྱོར་འཕགས་པའི་བདེན་པ་ལ་རང་བཞིན་{མྱེད་,མེད་}པ་ནི་འཕགས་པའི་བདེན་པ་རྣམས་སོ། །རབ་འབྱོར་བསམ་གཏན་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བསམ་གཏན་ལ་རང་བཞིན་{མྱེད་,མེད་}པ་ནི་བསམ་གཏན་རྣམས་སོ། །

D8.019.0328b01.01
2

རབ་འབྱོར་ཚད་{མྱེད་,མེད་}པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཚད་{མྱེད་,མེད་}པ་ལ་རང་བཞིན་{མྱེད་,མེད་}པ་ནི་ཚད་{མྱེད་,མེད་}པ་རྣམས་སོ། །རབ་འབྱོར་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་

D8.019.0328b02.01
3

ཕྱིར་ཞེ་ན། རབ་འབྱོར་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་ལ་རང་བཞིན་{མྱེད་,མེད་}པ་ནི་གཟུགས་{མྱེད་,མེད་}པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་

D8.019.0328b03.01
4

ཐར་པ་ལ་རང་བཞིན་{མྱེད་,མེད་}པ་ནི་རྣམ་པར་ཐར་པ་རྣམས་སོ། །རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་ལ་རང་བཞིན་

D8.019.0328b04.01
5

{མྱེད་,མེད་}པ་ནི་མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ། །རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་

D8.019.0328b05.01
6

མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་ལ་རང་བཞིན་{མྱེད་,མེད་}པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པའོ། །རབ་འབྱོར་མངོན་པར་ཤེས་པ་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མངོན་པར་ཤེས་པ་ལ་རང་

D8.019.0328b06.01
7

བཞིན་{མྱེད་,མེད་}པ་ནི་མངོན་པར་ཤེས་པ་རྣམས་སོ། །རབ་འབྱོར་ཏིང་ངེ་འཛིན་རྣམས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཏིང་ངེ་འཛིན་ལ་རང་བཞིན་{མྱེད་,མེད་}པ་ནི་ཏིང་ངེ་འཛིན་རྣམས་སོ། །རབ་འབྱོར་གཟུངས་ཀྱི་སྒོ་རྣམས་ནི་མ་བཅིངས་

D8.019.0328b07.01