藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 77a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

མཆེད་དྲུག་{མྱི་,མི་}རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག། དེ་ཅིའི་ཕྱིར་ཞེ་ན། སྐྱེ་མཆེད་དྲུག་ནི་རང་བཞིན་གྱིས་སྟོང་སྟེ། སྐྱེ་མཆེད་དྲུག་གི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་{མྱེད་,མེད་}པའོ། །དངོས་པོ་{མྱེད་,མེད་}པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་

D8.019.0077a01.01
2

རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་སྐྱེ་མཆེད་དྲུག་རྟག་ཅེས་བྱ་བ་འམ། {མྱི་,མི་}རྟག་ཅེས་བྱ་བ་མི་{དམྱིགས་,དམིགས་}སོ། །དེ་ལ་སྐྱེ་མཆེད་དྲུག་ཉིད་ཀྱང་{མྱེད་,མེད་}ན་རྟག་པ་འམ་{མྱི་,མི་}རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་

D8.019.0077a02.01
3

བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་

D8.019.0077a03.01
4

སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག། རེག་པ་{མྱི་,མི་}རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག། དེ་ཅིའི་ཕྱིར་ཞེ་ན། རེག་པ་ནི་རང་བཞིན་གྱིས་སྟོང་སྟེ། རེག་པའི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་{མྱེད་,མེད་}པའོ། །

D8.019.0077a04.01
5

དངོས་པོ་{མྱེད་,མེད་}པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། རེག་པ་རྟག་ཅེས་བྱ་བ་འམ་{མྱི་,མི་}རྟག་ཅེས་བྱ་བ་{མྱི་,མི་}{དམྱིགས་,དམིགས་}སོ། །དེ་ལ་རེག་པ་ཉིད་ཀྱང་{མྱེད་,མེད་}ན་རྟག་པ་འམ་{མྱི་,མི་}རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་

D8.019.0077a05.01
6

ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་ཏོ། །ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་།

D8.019.0077a06.01
7

རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག། ཚོར་བ་{མྱི་,མི་}རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག། དེ་ཅིའི་ཕྱིར་ཞེ་ན། ཚོར་བ་ནི་རང་བཞིན་

D8.019.0077a07.01