藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 321a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱུང་ནས་ཀྱང་དེ་དག་ནས་ཤི་འཕོས་ཏེ། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་བཞིན་དུ་ལྷོ་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་། བྱང་

D8.019.0321a01.01
2

ཤར་གྱི་ཕྱོགས་མཚམས་དང་། ཤར་ལྷོའི་ཕྱོགས་མཚམས་དང་། ལྷོ་ནུབ་ཀྱི་ཕྱོགས་མཚམས་དང་། ནུབ་བྱང་གི་ཕྱོགས་མཚམས་དང་། འོག་གི་ཕྱོགས་དང་། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དག་ཏུ་བྱོལ་སོང་གི་སྐྱེ་གནས་པ་རྣམས་དང་།

D8.019.0321a02.01
3

སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཏེ། དེ་དག་ཡང་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་ཀྱི་བར་དུ་དེ་བཞིན་དུ་གཤིན་རྗེའི་འཇིག་རྟེན་དུ་སྐྱེ་བར་འགྱུར་རོ། །དེ་དག་དེར་སྐྱེས་ནས་སྡུག་བསྔལ་མང་པོ་མྱོང་བར་འགྱུར་བའི་ལས་ཟད་ནས། ཇི་སྟེ་བརྒྱ་ལ་

D8.019.0321a03.01
4

མྱིར་སྐྱེ་བ་ཐོབ་ན་ཡང་ཆོས་འཇིག་པར་འགྱུར་བའི་ལས་བྱས་པ་དང་། བསྩགས་པ་དང་། བསྒྲུབས་པ་དང་། ཆང་པ་དང་། རྫོགས་པའི་རྣམ་པར་སྨིན་པ་དེས། དེ་དག་གང་དང་གང་དུ་སྐྱེ་བ་དེ་དང་དེར་དམུས་ལོང་གི་རིགས་སུ་སྐྱེ་བར་འགྱུར། ཕྱག་དར་བའི་

D8.019.0321a04.01
5

རིགས་སུ་སྐྱེ་བར་འགྱུར། གདོལ་པའི་རིགས་སུ་སྐྱེ་བར་འགྱུར། སྨིག་མ་མཁན་གྱི་རིགས་སུ་སྐྱེ་བར་འགྱུར། དེ་དག་དེར་སྐྱེས་ནས་ཀྱང་དམུས་ལོང་དུ་འགྱུར་བ་ཡིན། ཞར་བར་འགྱུར་བ་ཡིན། སྣ་མེད་པར་འགྱུར་བ་ཡིན། ལྕེ་{མྱེད་,མེད་}པར་འགྱུར་བ་

D8.019.0321a05.01
6

ཡིན། ལག་པ་{མྱེད་,མེད་}པར་འགྱུར་བ་ཡིན། རྐང་པ་{མྱེད་,མེད་}པར་འགྱུར་བ་ཡིན། མཛེ་ཅན་དུ་འགྱུར་བ་ཡིན། ཤ་བཀྲ་ཅན་དུ་འགྱུར་བ་ཡིན། སྒུར་པོར་འགྱུར་བ་ཡིན། གང་ན་སངས་རྒྱས་ཀྱི་སྒྲ་{མྱེད་,མེད་}པ་དང་། ཆོས་ཀྱི་སྒྲ་{མྱེད་,མེད་}པ་དང་། དགེ་འདུན་གྱི་སྒྲ་{མྱེད་,མེད་}པ་དེ་དག་ཏུ་

D8.019.0321a06.01
7

རྟག་ཏུ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མཚམས་མ་མཆིས་པ་ལྔས་ནི་ཆོས་འཇིག་པར་འགྱུར་བའི་སུག་ལས་བགྱིས་པ་དང་། བསྩགས་པ་འདིའི་

D8.019.0321a07.01