藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 64a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བྱང་ཆུབ་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །རང་བྱང་ཆུབ་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་རང་བྱང་ཆུབ་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། རང་བྱང་ཆུབ་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་།

D8.019.0064a01.01
2

རང་བྱང་ཆུབ་བདག་{མྱེད་,མེད་}དོ་ཞེས་བྱ་བར་རྟོག་པ་དང་། རང་བྱང་ཆུབ་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}རྟག་གོ་ཞེས་བྱ་བར་སྟོན། ལམ་གྱི་རྣམ་པ་

D8.019.0064a02.01
3

ཤེས་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་

D8.019.0064a03.01
4

རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་སྡུག་བསྔལ་ཞེས་བྱ་བར་རྟོག་པར་འགྱུར་རོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་{མྱེད་,མེད་}ཅེས་བྱ་བར་རྟོག་པར་འགྱུར་རོ། །

D8.019.0064a04.01
5

ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །དེ་ལྟར་དེ་དག་ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}རྟག་གོ་ཞེས་བྱ་བར་རྟོག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་བདག་{མྱེད་,མེད་}དོ་ཞེས་བྱ་

D8.019.0064a05.01
6

བར་རྟོག་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་{མྱི་,མི་}སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་རྟག་གོ་ཞེས་བྱ་བར་སྟོན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྡུག་བསྔལ་

D8.019.0064a06.01
7

ལོ་ཞེས་བྱ་བར་སྟོན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བདག་{མྱེད་,མེད་}དོ་ཞེས་བྱ་བར་སྟོན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་{མྱི་,མི་}སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་

D8.019.0064a07.01