完整藏文原文 · 德格版页 当前仅加载第 19 函德格 183b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པ་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་
D8.019.0183b01.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་{མྱེད་,མེད་}པ་དང་སྨོན་པ་{མྱེད་,མེད་}པ་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །མངོན་པར་ཤེས་པ་རྣམས་
D8.019.0183b02.01མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཏིང་ངེ་འཛིན་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །གཟུངས་ཀྱི་སྒོ་རྣམས་མངོན་པར་བསྒྲུབ་པ་
D8.019.0183b03.01{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །དེ་བཞིན་གཤེགས་པའི་སྟོབས་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །{མྱི་,མི་}འཇིགས་པ་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}
D8.019.0183b04.01པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སོ་སོ་ཡང་དག་པར་རིག་པ་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སྙིང་རྗེ་ཆེན་པོ་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་
D8.019.0183b05.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ཐམས་ཅད་ཤེས་པ་ཉིད་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་
D8.019.0183b06.01རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་མངོན་པར་བསྒྲུབ་པ་མེད་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་བསྒྲུབ་པ་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་
D8.019.0183b07.01