藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 318b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། རྒྱུན་ཏུ་ཞུགས་པའི་འབྲས་བུ་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ནི་དེ་དག་གིས་{མྱི་,མི་}

D8.019.0318b01.01
2

ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། དགྲ་བཅོམ་པ་ཉིད་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། རང་བྱང་ཆུབ་

D8.019.0318b02.01
3

ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་དེ་དག་གིས་མི་ཐོས་མི་མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། བྱང་ཆུབ་དང་སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}

D8.019.0318b03.01
4

མཐོང་ངོ་། །གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྩོན་པར་བགྱིད་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་སྤྱོད་སྤྱོད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་

D8.019.0318b04.01
5

པ། རབ་འབྱོར་དེ་ནི་རྣམ་པར་ཕྱེ་ཞིང་བཤད་དགོས་པ་སྟེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ལ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་དེ་{མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་གྱིས་བརྩོན་

D8.019.0318b05.01
6

པར་བྱེད་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་

D8.019.0318b06.01
7

དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་ཅིང་འཕེལ་བ་དང་། འགྲིབ་པར་མཐོང་བ་མེད་པས་ཆོས་གང་ལ་ཡང་{མྱི་,མི་}སྤོང་སྟེ། ནམ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་དང་འབྲལ་བར་{མྱི་,མི་}འགྱུར་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཡང་འབྲལ་

D8.019.0318b07.01