藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 290b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

པ་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ནང་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཕྱི་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཕྱི་ནང་སྟོང་པ་ཉིད་སྟོང་པ་ཉིད་

D8.019.0290b01.01
2

ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །སྟོང་པ་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཆེན་པོ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.019.0290b02.01
3

སྟོང་པ་ཉིད་དུ་བལྟའོ། །དོན་དམ་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །འདུས་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །

D8.019.0290b03.01
4

འདུས་མ་བྱས་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །མཐའ་ལས་འདས་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཐོག་མ་དང་ཐ་མ་

D8.019.0290b04.01
5

{མྱེད་,མེད་}པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །རང་བཞིན་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ།

D8.019.0290b05.01
6

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

D8.019.0290b06.01
7

སྟོང་པ་ཉིད་དུ་བལྟའོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་དུ་བལྟའོ། །

D8.019.0290b07.01