藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 317a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

སེམས་སྐྱེད་པར་འགྱུར་རོ། །ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་{མྱི་,མི་}གཉིས་པ་དང་། {མྱི་,མི་}{དམྱིགས་,དམིགས་}པའི་ཚུལ་དུ་དོན་དང་ཚུལ་གྱིས་རྗེས་སུ་འབྲང་

D8.019.0317a01.01
2

བར་འགྱུར་རོ། །དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མཉན་པ་འམ་བལྟ་བར་ནུས་སམ། བཅོམ་ལྡན་འདས་ཀྱིས་བཀའ་

D8.019.0317a02.01
3

སྩལ་པ། རབ་འབྱོར་དེ་ནི་མ་ཡིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཉན་པ་{མྱེད་,མེད་}དོ། །ལྟ་བ་{མྱེད་,མེད་}དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་{མྱི་,མི་}ཉན་{མྱི་,མི་}ལྟའོ། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

D8.019.0317a03.01
4

པ་ནི་དེ་དག་གིས་མི་ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}

D8.019.0317a04.01
5

མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་{མྱི་,མི་}ཐོས་མི་མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་མི་ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་

D8.019.0317a05.01
6

ཕྱིར། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ནང་སྟོང་པ་ཉིད་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ཕྱི་སྟོང་པ་ཉིད་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །

D8.019.0317a06.01
7

ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ཕྱི་ནང་སྟོང་པ་ཉིད་ནི་དེ་དག་གིས་{མྱི་,མི་}ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། སྟོང་པ་ཉིད་སྟོང་པ་ཉིད་ནི་དེ་དག་གིས་མི་ཐོས་{མྱི་,མི་}མཐོང་ངོ་། །ཆོས་ལ་སེམས་{མྱེད་,མེད་}པའི་ཕྱིར། ཆེན་པོ་སྟོང་པ་ཉིད་ནི་དེ་དག་

D8.019.0317a07.01