藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 177a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། ནུབ་བྱང་གི་ཕྱོགས་མཚམས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་

D8.019.0177a01.01
2

སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་། འོག་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པ་དང་།

D8.019.0177a02.01
3

སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་གང་ཇི་སྙེད་ཅིག་བཞུགས་པ་དང་། འཚོ་སྐྱོང་ཞིང་ཆོས་སྟོན་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་

D8.019.0177a03.01
4

རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དེ་དག་ལ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། ནམ་འཚོའི་བར་དུ་ན་བཟའ་དང་། བསོད་སྙོམས་དང་། གཟིམས་ཅ་དང་། སྙུན་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོ་དང་། བདེ་བ་ཐམས་

D8.019.0177a04.01
5

ཅད་ཀྱིས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་། དེ་དག་གི་རིང་བསྲེལ་ལ་ཉིན་མཚན་དུ་མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་

D8.019.0177a05.01
6

པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བའི་དོན་དུ་ཉམས་སུ་ལེན་ཅིང་། དེ་{དམྱིགས་,དམིགས་}པའི་ཚུལ་གྱིས། སྦྱིན་པ་བྱིན་པ་དང་། དེ་{དམྱིགས་,དམིགས་}པའི་

D8.019.0177a06.01
7

ཚུལ་གྱིས། ཚུལ་ཁྲིམས་སྲུང་བ་དང་། དེ་{དམྱིགས་,དམིགས་}པའི་ཚུལ་གྱིས། བཟོད་པ་སྒོམ་པ་དང་། དེ་{དམྱིགས་,དམིགས་}པའི་ཚུལ་གྱིས། བརྩོན་འགྲུས་རྩོམ་པ་དང་། དེ་{དམྱིགས་,དམིགས་}པའི་ཚུལ་གྱིས། བསམ་གཏན་ལ་སྙོམས་པར་འཇུག་པ་དང་། དེ་{དམྱིགས་,དམིགས་}པའི་ཚུལ་གྱིས། ཤེས་རབ་སྒོམ་

D8.019.0177a07.01