藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 210a 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཕྱིར་{མྱི་,མི་}འོང་བའི་འབྲས་བུ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་ལགས། བཅོམ་

D8.019.0210a01.01
2

ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། དགྲ་བཅོམ་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རང་བྱང་ཆུབ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་

D8.019.0210a02.01
3

ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་ལགས། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། རྣམ་པ་ཐམས་

D8.019.0210a03.01
4

ཅད་མཁྱེན་པ་ཉིད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གཟུགས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་

D8.019.0210a04.01
5

པས། གཟུགས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་ཚོར་བར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། ཚོར་བ་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་

D8.019.0210a05.01
6

འབྱོར་འདུ་ཤེས་སུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་ཤེས་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་འདུ་བྱེད་དུ་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་

D8.019.0210a06.01
7

ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པས། འདུ་བྱེད་ལ་ཡིད་ཆེས་པར་{མྱི་,མི་}འགྱུར་རོ། །རབ་འབྱོར་རྣམ་པར་ཤེས་པར་{མྱི་,མི་}{དམྱིགས་,དམིགས་}པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡིད་ཆེས་པར་འགྱུར་ཏེ། དེ་ལྟར་ན་

D8.019.0210a07.01