藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 326b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

རྣམ་པར་ཤེས་པའི་ཁམས་ལ་རང་བཞིན་མེད་པ་ནི་རྣམ་པར་ཤེས་པའི་ཁམས་སོ། །རབ་འབྱོར་མ་རིག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མ་རིག་པ་ལ་རང་བཞིན་{མྱེད་,མེད་}པ་ནི་མ་རིག་པའོ། །རབ་འབྱོར་འདུ་བྱེད་ནི་མ་

D8.019.0326b01.01
2

བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདུ་བྱེད་ལ་རང་བཞིན་{མྱེད་,མེད་}པ་ནི་འདུ་བྱེད་དོ། །རབ་འབྱོར་རྣམ་པར་ཤེས་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྣམ་པར་ཤེས་པ་ལ་རང་བཞིན་{མྱེད་,མེད་}པ་ནི་རྣམ་པར་ཤེས་

D8.019.0326b02.01
3

པའོ། །རབ་འབྱོར་{མྱིང་,མིང་}དང་གཟུགས་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་{མྱིང་,མིང་}དང་གཟུགས་ལ་རང་བཞིན་{མྱེད་,མེད་}པ་ནི་{མྱིང་,མིང་}དང་གཟུགས་སོ། །རབ་འབྱོར་སྐྱེ་མཆེད་དྲུག་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

D8.019.0326b03.01
4

སྐྱེ་མཆེད་དྲུག་ལ་རང་བཞིན་མེད་པ་ནི་སྐྱེ་མཆེད་དྲུག་གོ། རབ་འབྱོར་རེག་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རེག་པ་ལ་རང་བཞིན་{མྱེད་,མེད་}པ་ནི་རེག་པའོ། །རབ་འབྱོར་ཚོར་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་

D8.019.0326b04.01
5

ཚོར་བ་ལ་རང་བཞིན་{མྱེད་,མེད་}པ་ནི་ཚོར་བའོ། །རབ་འབྱོར་སྲེད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲེད་པ་ལ་རང་བཞིན་{མྱེད་,མེད་}པ་ནི་སྲེད་པའོ། །རབ་འབྱོར་ལེན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ལེན་པ་ལ་རང་

D8.019.0326b05.01
6

བཞིན་{མྱེད་,མེད་}པ་ནི་ལེན་པའོ། །རབ་འབྱོར་སྲིད་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྲིད་པ་ལ་རང་བཞིན་{མྱེད་,མེད་}པ་ནི་སྲིད་པའོ། །རབ་འབྱོར་སྐྱེ་བ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྐྱེ་བ་ལ་རང་བཞིན་{མྱེད་,མེད་}པ་ནི་སྐྱེ་

D8.019.0326b06.01
7

བའོ། །རབ་འབྱོར་རྒ་ཤི་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་རྒ་ཤི་ལ་རང་བཞིན་མེད་པ་ནི་རྒ་ཤིའོ། །རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་མ་བཅིངས་མ་གྲོལ་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རང་བཞིན་{མྱེད་,མེད་}པ་ནི་སྦྱིན་

D8.019.0326b07.01