藏传佛教 · 德格甘珠尔 · 十万颂般若

德格《甘珠尔》D8

shes rab kyi pha rol tu phyin pa stong phrag brgya pa/ · 藏译责任依各经题记;本批次未逐条裁决

完整原文 · 德格版页德格目录 D8

完整藏文原文 · 德格版页 当前仅加载第 19 函德格 293b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。

1

དབེན་པར་བལྟའོ། །ཕྱི་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཕྱི་ནང་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །སྟོང་པ་ཉིད་སྟོང་པ་ཉིད་དབེན་པའི་སླད་དུ།

D8.019.0293b01.01
2

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཆེན་པོ་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །དོན་དམ་པ་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དབེན་པར་བལྟའོ། །

D8.019.0293b02.01
3

འདུས་བྱས་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །འདུས་མ་བྱས་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །མཐའ་ལས་འདས་པ་སྟོང་པ་ཉིད་དབེན་པའི་སླད་

D8.019.0293b03.01
4

དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

D8.019.0293b04.01
5

པ་དབེན་པར་བལྟའོ། །རང་བཞིན་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །ཆོས་ཐམས་ཅད་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །རང་གི་མཚན་ཉིད་སྟོང་

D8.019.0293b05.01
6

པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །{མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

D8.019.0293b06.01
7

པ་དབེན་པར་བལྟའོ། །ངོ་བོ་ཉིད་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་པའི་སླད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པར་བལྟའོ། །དྲན་པ་ཉེ་བར་གཞག་

D8.019.0293b07.01