完整藏文原文 · 德格版页 当前仅加载第 19 函德格 133b 版页;藏文 NFD、目录标记与异常页序保留在来源切片中,重复版页行以稳定序号区分。
ཅི་ལོག་ཏུ་{མྱི་,མི་}འགྱུར་རོ། །ལྟ་བ་ཕྱིན་ཅི་ལོག་ཏུ་{མྱི་,མི་}འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ། ཡོངས་སུ་བསྔོ་བ་ལ་མངོན་པར་ཆགས་པ་{མྱེད་,མེད་}དོ། །དགེ་བའི་རྩ་བ་དེ་དག་ལ་ཡང་མངོན་པར་ཆགས་པ་{མྱེད་,མེད་}དོ། །བྱང་ཆུབ་དེ་ཡང་
D8.019.0133b01.01ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་ངོ་། །གང་ལ་ཆགས་པར་འགྱུར་བའི་བྱང་ཆུབ་ཀྱི་སེམས་དེ་ཡང་ཡང་དག་པར་རྗེས་སུ་{མྱི་,མི་}མཐོང་སྟེ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོངས་སུ་བསྔོ་བ་བླ་ན་{མྱེད་,མེད་}པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་
D8.019.0133b02.01བྱ་བའི་དངོས་པོ་མངོན་པར་འདུ་བྱ་བ་དེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱིས་དབེན་པར་ཤེས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས།
D8.019.0133b03.01བཟོད་པའི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་དབེན་པར་ཤེས། ནང་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཕྱི་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཕྱི་ནང་སྟོང་པ་ཉིད་ཀྱིས་དབེན་པར་ཤེས།
D8.019.0133b04.01སྟོང་པ་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཆེན་པོ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དོན་དམ་པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། འདུས་བྱས་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། འདུས་མ་བྱས་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། མཐའ་ལས་འདས་པ་སྟོང་པ་
D8.019.0133b05.01ཉིད་ཀྱིས་དབེན་པར་ཤེས། ཐོག་མ་དང་ཐ་མ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དོར་བ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། རང་བཞིན་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱིས་
D8.019.0133b06.01དབེན་པར་ཤེས། {མྱི་,མི་}{དམྱིགས་,དམིགས་}པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དངོས་པོ་{མྱེད་,མེད་}པ་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དངོས་པོ་{མྱེད་,མེད་}པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་དབེན་པར་ཤེས། དྲན་པ་ཉེ་བར་གཞག་པ་རྣམས་ཀྱིས་
D8.019.0133b07.01